36570

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་བོང་ཁ་པ་བྱམས་པ་བསྟན་འཛིན་འཕྲིན་ལས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ས་སྟག་ཕྱི་ལོ ༡༨༧༨ ལོར་ལྷ་སའི་ནུབ་ཕྱོགས་གཡུ་ཐོག་ཤར་ཡུལ་དུ་ཡབ་ཤོད་དྲུང་ཚེ་བརྟན་རྣམ་རྒྱལ་དང་། ཡུམ་ཚོ་འབྲང་བཟང་མོ་དཀོན་མཆོག་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ཕྱི་ལོ ༡༩༤༡ ལོར་སྐུ་གཤེགས། བྱིས་དུས་ཀྱི་མིང་ལ་ངག་དབང་རབ་བརྟན་དུ་འབོད། དགུང་ལོ་བདུན་པར་རབ་ཏུ་བྱུང། ཡོངས་འཛིན་ཕུར་ལྕོག་པ་ལས་དགེ་ཚུལ་བསྒྲུབས། བཅུ་དགུ་པར་རྒྱུད་སྟོད་གྲྭ་ཚང་དུ་ཞུགས། རྒྱུད་སྡེ་བཞིར་སྦྱངས། ཉི་ཤུ་པར་བསྙེན་པར་རྫོགས། བྲག་རི་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་རྣམ་རྒྱལ་དཔལ་བཟང་པོ་སོགས་ལས་ས་དགེ་དཀའ་རྙིང་གི་ལུང། རྗེས་གནང་། ཁྲིད་ཆེན། དབང་ཆེན་ཀུན་ལ་གསན་བསམ་རྒྱ་ཆེར་མཛད། བོད་ཁམས་ཀྱི་ས་ཕྱོགས་གང་སར་ཕེབས། སྐྱ་སེར་མང་པོར་ཆོས་སྦྱིན་མཛད། སློབ་མ་མང་པོ་ཡོད། གསུང་རྩོམ་ནི་བཀའ་འགྱུར་དཀར་ཆག་དང་། ལམ་རིམ་བསྡུས་དོན་སོགས་མང་དུ་བཞུགས།