36576

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་མ་ཐུན་མོང་བའི་ལྟུང་བྱེད་འབའ་ཞིག་པ་བདུན་ཅུ་རྩ་གཉིས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གི་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ལས། གཞུང་འོག་མས་སྟོན་པའི་དམིགས་བསལ་བཅོ་བརྒྱད་པོ་མ་གཏོགས་པ་བདུན་བཅུ་རྩ་གཉིས་ནི་དགེ་སློང་དང་དགེ་སློང་མའི་ལྟུང་བྱེད་ཐུན་མོང་བ་ཡིན་ནོ། །དེའང་ཤེས་བཞིན་རྫུན་སྨྲ་བ་ལ་སོགས་པ་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་སུམ་ཅུ་རྩ་ལྔ་དང་། སྐྱོན་ནས་སྨྲ་བ་ལ་སོགས་པ་མིང་ཙམ་གྱི་ཐུན་མོང་བ་སུམ་ཅུ་རྩ་བདུན་ནོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ལས། མ་བསྐོས་པ་ལ་སོགས་པ་བཅུ་ཚན་གཅིག ཡང་ཡང་ཟ་བ་དང་། དབྱར་གྱི་གོས་རས་ཆེན་ལས་གྱུར་པའི་ལྟུང་བ་རྣམས་དགེ་སློང་མའི་ཕྱོགས་ལ་མེད་པས། བཅུ་གཉིས་པོ་འདིའི་སྟེང་དུ་སྔར་བཤད་པའི་སྡོམ་ཚིག་གིས་བསྡུས་པའི་སྐྲོད་པ་དང་། ཟས་སོད་པ་སློང་བ་དང་། དབེན་པ་གཉིས་དང་། ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པ་དང་། ཕྱི་མ་བླང་བར་སྤྱོད་པ་དང་བཅས་པའི་བཅོ་བརྒྱད་ནི་དགེ་སློང་ཕའི་ཐུན་མོང་མ་ཡིན་པའི་ལྟུང་བྱེད་ཡིན་ཞིང་། ལྷག་མ་བདུན་ཅུ་རྩ་གཉིས་ནི་དགེ་སློང་ཕ་མ་ཐུན་མོང་བའི་ལྟུང་བྱེད་དུ་བཤད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།