36578

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་མ་ལྷ་ (1)
Part of speech མིང་ཚིག
Definition ལྷ་དཔལ་འདྲེ་བདུད་ཀྱི་ནང་གསེས་ལྷ་ཞེས་པ་སྟེ། བརྩི་བྱ་དག་གི་མ་ཀླུང་སྐྱེས་པའི་སྤར་ཁ་སྐྱེས་སྤར་དང་། རང་ཀླུང་སྐྱེས་པའི་སྨེ་བ་སྐྱེས་སྨེ་གཉིས་ཀྱི་ཁམས་སོ་སོའི་སྐྱེས་ལོའི་སྲོག་ལུས་དབང་ཀླུང་བཞིའི་ཁམས་ཀྱི་མ་རུ་འགྲོ་བ་ལ་ཟེར་བ་ཡིན། གལ་སྲིད་ལོ་ཁམས་ཆུ་ལུག་ཡིན་པའི་བརྩི་བྱ་ཞིག་ལ་ཆ་བཞག་ན། སྲོག་ཁམས་ས་ཡིན་པས་སྐྱེས་སྤར་ལི་ལྟ་བུ་སྲོག་གི་མར་འགྲོ་བའི་ཕ་མ་ལྷ་ཡིན་ན། བརྩི་བྱ་དེ་ཚེ་ཡི་ཉི་མ་ཤར་ཞེས་རང་ལོ་བདུན་ཅུ་དོན་གསུམ་བརྒལ་ནས་འཚོ་བར་བཤད། ལུས་ཁམས་ཤིང་ཡིན་པས་སྐྱེས་སྤར་ཁམ་ལྟ་བུ་ལུས་ཀྱི་མར་འགྲོ་བའི་ཕ་མ་ལྷ་ཡིན་ན། བརྩི་བྱ་དེའི་གཟུགས་བཟང་ཞིང་བྱད་བཞིན་ལེགས་ལ་ཉམས་ཤེད་ཆེ་བར་བཤད། དབང་ཁམས་ཆུ་ཡིན་པས་སྐྱེས་སྤར་དྭ་ལྟ་བུ་དབང་ཐང་གི་མར་འགྲོ་བའི་ཕ་མ་ལྷ་ཡིན་ན། བརྩི་བྱ་དེར་འབྱོར་བ་རྒྱས་ཤིང་སྤུན་དང་བྲན་འཁོར་ཧྲགས་པར་བཤད། ཀླུང་ཁམས་མེ་ཡིན་པས་སྐྱེས་སྤར་ཟིན་ལྟ་བུ་ཀླུང་རྟའི་མར་འགྲོ་བའི་ཕ་མ་ལྷ་ཡིན་ན། བརྩི་བྱ་དེ་ཀུན་གྱི་རེ་སར་འགྱུར་ཞིང་བསམ་དགུ་འགྲུབ་ལ་བྱད་ཀྱིས་མི་ཚུགས་པར་བཤད། སྨེ་བའི་ཆ་ནས་རྟ་སྦྲུལ་བཞི་ལྗང་ལ་སྐྱེས་པ་ལྟ་བུ་རང་ལོའི་སྲོག་ཁམས་ཀྱི་མ་རུ་འགྲོ་བའི་ཕ་མ་ལྷ་ཡིན་ན། བརྩི་བྱ་དེར་ལོངས་སྤྱོད་ཆེ་ཞིང་ཚེ་ལ་བར་ཆད་མེད་པར་བཤད།
Domain རྩིས་རིག