3659

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁམས་གསུམ་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པ་དང༌། ཞབས་གཡས་པ་བསྐུམས་པས་དབང་ཕྱུག་ཆེན་པོ་ཁ་སྦུབ་ཏུ་མནན་ཅིང༌། ཞབས་གཡོན་པ་བརྐྱངས་པས་ཨུ་མ་གན་རྐྱལ་དུ་གནས་པའི་ནུ་མ་ནས་མནན་པ་དང༌། འཁོར་སེམས་མ་བཞི་དང༌། ཡུམ་བཞི་དང༌། གཤེགས་པ་བཞི་དང༌། སེམས་དཔའ་བཅུ་དྲུག་དང༌། སྒེག་སོགས་ལྷ་མོ་བཞི་དང༌། བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་དང༌། བདུག་པ་མ་སོགས་མཆོད་པའི་མོ་ལྷ་བཞི་དང༌། ལྕགས་ཀྱུ་མ་སོགས་སྒོ་མ་བཞི་སྟེ་ང་དྲུག་གོ། ཁམས་གསུམ་རྣམ་རྒྱལ་འདི་ནི་སྟོན་པ་རྣམ་སྣང་ཆེན་པོ་རྒྱལ་བུ་དོན་གྲུབ་ཀྱི་རྣམ་པས་རི་རབ་ཀྱི་རྩེར་ཕྱིན་ཏེ་དབང་ཕྱུག་འདུལ་བའི་ཕྱིར་གསུངས་པ་ཞིག་ཡིན།
ཁམས་གསུམ་རྣམ་རྒྱལ་ (2)
Part of speech མིང་ཚིག
Definition སྒྲ་གཅན་གྱི་མིང་སྟེ། ཁམས་གསུམ་ལས་རྣམ་པར་རྒྱལ་བས་ནའོ། །
Type མངོན་བརྗོད།