36622
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤེས་པ་བཅུའི་ཡ་གྱལ་ཞིག་གཞན་སེམས་རྟོགས་པར་བྱེད་པའི་ཤེས་པ་སྟེ། རིག་པར་བྱེད་པས་ན་རིག་པ་སྟེ་ཤེས་པའོ། །ཕ་རོལ་གྱི་སེམས་ཤེས་པ་ཤེས་པ་བཞི་ལས་སྐྱེ་བར་བལྟ་བར་བྱ་སྟེ། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དང་ལམ་ཤེས་པ་དང་། ཀུན་རྫོབ་ཤེས་པ་རྣམས་ལས་སོ། །ཕ་རོལ་ཡིད་ཤེས་པ་དེ་གཉིས་ཏེ། དྲི་མེད་དང་དྲི་བཅས་སོ། །དེ་ཡང་ཟག་མེད་རང་གི་བདེན་པའི་རྣམ་པ་ཅན་ཡིན་པའི་ཕྱིར་ལམ་སོགས་རྣམ་པ་བཞི་ཅན་ཏེ། ལམ་ཤེས་པ་ཡིན་པའི་ཕྱིར་རོ། །དྲི་མ་དང་བཅས་པ་ནི་ཤེས་བྱ་སེམས་སེམས་བྱུང་རྣམས་ཀྱི་རང་གི་མཚན་ཉིད་འཛིན་པར་བྱེད་པ་ཡིན་ལ། གཉིས་ཀའང་རྫས་རེ་རེ་ཞིག་པའི་སྤྱོད་ཡུལ་བྱེད་པ་ཅན་དེ་གང་གི་སེམས་འཛིན་པ་དེའི་ཚེ་སེམས་ལས་བྱུང་བ་རྣམས་མི་འཛིན་ལ། གང་གི་ཚེ་ཚོར་བ་འཛིན་པའི་ཚེ་འདུ་བྱེད་མི་འཛིན་པ་ལྟ་བུས་སོ། །གཞན་ཡང་དེའི་ཁྱད་ཆོས་མི་ཤེས་པ་རྣམས་ནི་འདི་ལྟ་སྟེ། ས་འདས་པ་མི་ཤེས་པ་ནི། བསམ་གཏན་འོག་མའི་ས་པས་བསམ་གཏན་གོང་མའི་ས་པ་མི་ཤེས་པའོ། །དབང་པོ་འདས་པ་མི་ཤེས་པ་ནི། དད་པས་མོས་པ་དང་དུས་ཀྱིས་རྣམ་པར་གྲོལ་བས་ལམ་གྱིས་མཐོང་བས་ཐོས་པ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་མི་ཤེས་པའོ། །གང་ཟག་འདས་པ་མི་ཤེས་པ་ནི། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དང་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ཀྱི་ལམ་རྣམས་འོག་མས་གོང་མ་མི་ཤེས་པའོ། །ཞིག་པ་དང་མ་སྐྱེས་མི་ཤེས་པ་ནི། འདས་པ་དང་མ་འོངས་པ་མི་ཤེས་པ་སྟེ། ད་ལྟར་གྱི་ཕ་རོལ་གྱི་སེམས་ཡུལ་ཡིན་པའི་ཕྱིར་རོ། །གཞན་ཡིད་ཤེས་པ་འདི་བསམ་གཏན་གྱི་དངོས་གཞི་བཞི་ཁོ་ན་ཡོད་ཀྱི་གཞན་ན་མེད་དོ། །གཞན་ཡང་འདི་ཉིད་ནི་འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཡིན་གྱི་གཟུགས་མེད་པ་ལ་བརྟེན་པ་ནི་མ་ཡིན་ཏེ། གང་ཟག་ཕན་ཚུན་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དྲན་པ་ཉེར་གཞག་བཞི་ལས་ལུས་ལ་མ་དམིགས་པས་ཕྱི་མ་གསུམ་མོ། །འདིའི་སྤྱོད་ཡུལ་ནི་ཤེས་པ་བཅུ་ཆར་ཡིན་ཏེ། ཅི་རིགས་པར་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །ཡང་འདིས་ཤེས་བྱའི་ཆོས་ཐམས་ཅད་ཆོས་བཅུར་དབྱེ་བ་ལས་གསུམ་ལ་དམིགས་པར་བྱེད་དེ། འདོད་གཟུགས་ན་སྤྱོད་པ་དང་ཟག་མེད་འདུས་བྱས་རྣམས་ཀྱི་མཚུངས་པར་ལྡན་པ་གསུམ་ལའོ། ། |
| Domain | ཆོས་ལུགས། |