36623

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པ་ལྔ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་སྟེ། གང་གིས་ལྷ་དང་། མི་དང་། སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་མཐར་སེམས་སྐྱེས་པ་གང་ཡིན་པ་རབ་ཏུ་ཤེས་པ། ཕྱི་མའི་མཐར་སེམས་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ཡང་རབ་ཏུ་ཤེས་པ། ད་ལྟར་བྱུང་བའི་དུས་ན་སེམས་སྐྱེ་བ་གང་ཡིན་པ་དེ་ཡང་རབ་ཏུ་ཤེས་པ། རྒྱུ་དང་། རྐྱེན་དང་། དམིགས་པར་ལྡན་པ་དང་། ངེས་པ་དང་། མ་ངེས་པ་དང་། ལོག་པ་ཉིད་དུ་ངེས་པ་དང་། ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་ཤེས་པ། འདོད་ཆགས་ལ་སྤྱོད་པ་རྣམས་དང་། ཞེ་སྡང་ལ་སྤྱོད་པ་དང་། གཏི་མུག་ལ་སྤྱོད་པ་རྣམས་པ་དང་། ཆ་མཉམ་པ་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་དེ་ཁོ་ན་བཞིན་དུ་དེ་དང་མཐུན་པར་ཆོས་སྟོན་པའོ། །
Domain ཆོས་ལུགས།