36630

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་འཕགས་ཤིང་ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ༡ ཐབས་མཁས་པ་དང་ལྡན་པ་ཕ་རོལ་ཏུ་ཕྱིན་པ་གཅིག་གི་ནང་དུ་ཕ་རོལ་ཏུ་ཕྱིན་པ་གཞན་ཐམས་ཅད་སྡུད་པར་བྱེད་པ། ༢ ཐབས་མཁས་པ་དང་ལྡན་པས་སེམས་ཅན་གཅིག་གི་རང་བཞིན་རྟོགས་པས་དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱང་ཤེས་པ། ༣ ཐབས་མཁས་པ་དང་ལྡན་པས་ཆོས་རྣམ་པར་དག་པ་གཅིག་གི་ཚུལ་རྟོགས་པས་ཆོས་གཞན་དག་གི་རྣམ་པར་དག་པ་ཡང་ཤེས་པ། ༤ ཆོས་ཉིད་ཡིན་པས་སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག་ཏུ་མོས་པའོ། །
Domain ཆོས་ལུགས།