36631

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་དངོས་པོ་དྲུག་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་སྟེ། འདོད་པའི་དགའ་བ་དང་ལོངས་སྤྱོད་དང་དབང་ཕྱུག་དང་བདག་ཉིད་ཀྱི་བསོད་ནམས་ལ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བ། ལུས་དང་ངག་དང་ཡིད་ཅི་འདོད་དགུར་ཀུན་ཏུ་སྤྱོད་པ། བརྙས་པ་མི་བཟོད་པ་དང་མི་བརྩོན་པས་བསོད་ནམས་དང་འདུ་འཛི། འཇིག་རྟེན་གྱི་ལས་སྣ་ཚོགས་དང་རྣམ་པར་གཡེང་བ་ལ་འཇུག་པ། མཐོང་བ་དང་ཐོས་པ་དང་། བྱེ་བྲག་ཕྱེད་པ། རྣམ་པར་ཤེས་པའི་ཐ་སྙད་ཀྱི་སྤྲོས་པ་དག་ལ་ཡོན་ཏན་གྱི་ཕན་ཡོན་དུ་ལྟ་བའོ། །
Domain ཆོས་ལུགས།