From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕ་རོལ་ཏུ་ཕྱིན་པ་བཅུ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཐེག་ཆེན་གྱི་རྣམ་མཁྱེན་ནམ་སངས་རྒྱས་སྒྲུབ་བྱེད་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་དྲུག་གི་ཁར་ཐབས་དང་། སྟོབས། སྨོན་ལམ། ཡེ་ཤེས་ཏེ་བཞི་བསྣན་པས་བཅུའོ། །
|
| Domain
|
ཆོས་ལུགས།
|
ཕ་རོལ་ཏུ་ཕྱིན་པ་བཅུ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག རྙིང་མ། ཕ་རོལ་ཏུ་ཕྱིན་པ་བཅུ་ལ། ཕྱིའི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ནང་གི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། གསང་བའི་ཕ་རོལ་ཏུ་ཕྱིན་པ་བཅུ་བཅས་བཅུ་ཚན་གསུམ་དུ་གསུངས་ཏེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། འབྲས་བུ་ཀུན་ཏུ་བཟང་པོ་ཐོབ་པར་བྱེད་པའི་རྒྱུ་ནི། ཕྱིའི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ནང་གི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། གསང་བའི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་བཅུ་དང་། གསུམ་ཡང་སྨིན་ཅིང་གྲུབ་པར་བྱེད་པ་ཡིན་ནོ། །ཞེས་གསུངས།
|