36661

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་བསྡུས་པ་བདུན་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའི་ཆོས་དེ་དག་གིས་གཞན་ལས་ཤེས་ཀྱི་ཁེ་ཡོངས་སུ་མི་ཚོལ་བ། ༢ ཆོས་དེ་དག་ལ་ལྟ་བས་མངོན་པར་ཞེན་པར་མི་བྱེད་པ། ༣ ཆོས་འདི་དག་བྱང་ཆུབ་ཏུ་ངེས་པར་འབྱིན་པ་ཡིན་ནམ་མ་ཡིན་སྙམ་དུ་ཡིད་གཉིས་དང་ཐེ་ཚོམ་སྐྱེད་པར་མི་བྱེད་པ། ༤ བདག་ལ་མི་བསྟོད་གཞན་ལ་མི་སྨོད་ཅིང་བརྙས་པར་མི་བྱེད་པ། ༥ དྲེགས་པར་མི་བྱེད་ཅིང་བག་མེད་པར་མི་བྱེད་པ། ༦ ཅུང་ཟད་ཙམ་དང་ངན་ངོན་ཙམ་གྱིས་ཆོག་པར་མི་འཛིན་པ། ༧ ཆོས་དེ་དག་གིས་སེར་སྣ་མི་བྱེད་ཅིང་གཞན་དག་ལ་ཕྲག་དོག་མི་བྱེད་པ་ཡིན་པའོ། །
Domain ཆོས་ལུགས།