36665

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་རོལ་དབང་དུ་བྱ་བ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཨིནྡྲ་བྷཱུ་ཏིའི་ཞལ་སྔ་ནས་མཛད་པའི་ཕ་རོལ་དབང་དུ་བྱ་བ། གནུབས་ལོ་ཙཱ་བས་བསྒྱུར། བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ང་དཀར་ཆག་ཏུ་གོང་གི་ཆོས་ཚན་ ༡༣༧༠ པ་ནས་ ༡༣༧༥ པའི་བར་གྱི་མཛད་པ་པོ་མི་ཏྲ་ཛོ་ཀི་དང་། སྒྱུར་བ་པོ་དེ་ཉིད་དང་། ཁྲོ་ཕུ་ལོ་ཙཱ བ་གཉིས་འཁོད། སྡེ་དཀར་དུ་དེ་དག་གི་མཛད་པ་པོ་མི་ཏྲ་ཨཱ་ནནྡ་དང་། སྒྱུར་བ་པོ་ཆོས་ཚན་ ༡༣༧༠ པ་ནས་ ༡༣༧༤ ། ༡༣༧༥ གསུམ་ལ་མི་ཏྲ་ཨཱ་མནྡ་དང་གནུབས་ལོ་ཙཱ་བ་གཉིས་དང་། ༡༣༧༡ པ་དང་ ༡༣༧༢ ། ༡༣༧༣ གསུམ་ལ་གནུབས་ལོ་ཙཱ་བ་འཁོད། རིན་པོ་ཆེ་འཁོར་ལོའི་དབང་གི་མན་ངག་གི་རིམ་པ། རྒྱུད། ༼ཟི༽ (༥༣)རིན་པོ་ཆེ་འཁོར་ལོའི་དབང་གི་མན་ངག་གི་རིམ་པ། བུ་སྟོན་ཆོས་འབྱུང་དུ་འདི་རྩོད་པ་ཅན་ཡིན་ཞེས་འཁོད། བསྟན་འགྱུར་རྒྱུད་ཟི་པར་བཞུགས།