36674
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟ་མགྲིན་གསང་བ་འདུས་པ་ལས། ཕ་རོལ་མི་རྒོད་ཇག་པ་ཕུང་བྱེད་སྦྱོར་བ་ནག་པོ་ཅོག་འགྱེལ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་ནི་རྒྱ་གར་མཁས་པའི་མི༔ སྔགས་འཆང་པདྨ་འབྱུང་གནས་ཀྱིས༔ མི་རྒོད་ཕ་རོལ་རེངས་བྱེད་པའི༔ སྦྱོར་བ་ནག་པོ་ཅོག་འགྱེལ་བསྟན༔ ཅེས་གསལ། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བདུན་པའི་ནང་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། ཕ་རོལ་མི་རྒོད་ཇག་པ་ཕུང་བར་བྱེད་པ་ལ་རྫས་ཇི་ལྟར་དགོས་ཚུལ་དང་། ལས་སྦྱོར་ཇི་ལྟར་བྱ་དགོས་ཚུལ་བསྟན། |