36683
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་སྡེའི་རྒྱན་གྱི་བཤད་པ་ལས་བྱུང་བ་སྟེ། ༡ རྒྱུ་ལ་འབྲས་བུ་ཡོད་པར་སྨྲ་བ། ༢ མངོན་པར་གསལ་བ་སྨྲ་བ། ༣ འདས་པ་དང་མ་འོངས་པ་རྫས་སུ་ཡོད་པར་སྨྲ་བ། ༤ བདག་ཏུ་ལྟ་བ་སྨྲ་བ། ༥ རྟག་པར་ལྟ་བ་སྨྲ་བ། ༦ སྔོན་བྱས་པ་རྒྱུར་སྨྲ་བ། ༧ དབང་ཕྱུག་ལ་སོགས་པ་བྱེད་པ་པོར་སྨྲ་བ། ༨ རྣམ་པར་འཚེ་བའི་ཆོས་སུ་སྨྲ་བ། ༩ མཐའ་དང་མཐའ་མེད་པར་སྨྲ་བ། ༡༠ མཐའ་མི་སྤོང་བར་སྨྲ་བ། ༡༡ རྒྱུ་མེད་པར་སྨྲ་བ། ༡༢ ཆད་པར་སྨྲ་བ། ༡༣ མེད་པར་སྨྲ་བ། ༡༤ མཆོག་ཏུ་སྨྲ་བ། ༡༥ དག་པར་སྨྲ་བ། ༡༦ དགེ་མཚན་དང་བཀྲ་ཤིས་སུ་སྨྲ་བ་བཅས་སོ། ། |
| Domain | ཆོས་ལུགས། |