From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕ་རྒྱུད་ (1)
| Part of speech
|
མིང་ཚིག
|
| Definition
|
ཕ་ཡི་རིགས་རྒྱུད་ཀྱི་འགོ་ཁུངས་ཏེ།
|
| Example
|
དེ་བ་ཚང་གི་ཕ་རྒྱུད་གང་ལ་ཐུག་མིན་ཨེ་ཤེས་ལྟ་བུ།
|
ཕ་རྒྱུད་ (2)
| Part of speech
|
མིང་ཚིག
|
| Definition
|
རྩི་ཤིང་རྒྱུད་སྤེལ་གོ་རིམ་ཁྲོད་ཀྱི་ཕོ་གཤིས་ཅན་གྱི་གོ་རིམ་སྔ་མ།
|
ཕ་རྒྱུད་ (3)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྣལ་འབྱོར་བླ་མེད་རྒྱུད། འདི་ལ་གསུང་སྲོལ་འདྲ་མིན་ཡོད་ཀྱང་རྗེ་ཙོང་ཁ་པའི་དགོངས་པ་ལྟར་འཆད་ན། གསང་སྔགས་བླ་ན་མེད་པའི་རྒྱུད་ཀྱི་ནང་སྒྱུ་ལུས་གཙོ་བོར་སྟོན་པ་ཞིག་ལ་ཟེར།
|
| Example
|
གསང་བ་འདུས་པའི་རྩ་རྒྱུད་ལྟ་བུ།
|
| Domain
|
ཆོས་ལུགས།
|