36690
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་དང་པོ་ལས་བྱུང་བ་སྟེ། ༡ དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་སློབ་དཔོན་རྣམ་གསུམ་སྙིང་ནས་སྨོད་པ། ༢ བདེ་བར་གཤེགས་པའི་བཀའ་མདོ་རྒྱུད་ཀྱི་གཞུང་ལས་བཤད་པའི་བླང་དོར་ཤེས་བཞིན་དུ་ཁྱད་དུ་གསོད་པ་སྟེ་འདས་པ། ༣ སྤྱི་དང༌། རིང་བ། ཉེ་བ། ནང་འདྲེས་པའི་རྡོ་རྗེའི་སྤུན་བཞིར་ཁྲོས་པ། ༤ སེམས་ཅན་ལ་བྱམས་པ་སྤོང་བ། ༥ སྨོན་འཇུག་དང་ཀུན་ཏུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྤངས་པ། ༦ ཕྱི་རོལ་པ་དང་ནང་པའི་ཐེག་པ་ཆེ་ཆུང་གང་གི་གྲུབ་མཐར་སྨོད་པ། ༧ ཡོངས་སུ་མ་སྨིན་པ་ལ་གསང་བ་སྒྲོགས་པ། ༨ ཕུང་པོ་ལྔ་རིགས་ལྔའི་རང་བཞིན་ཡིན་པ་བརྙས་པ་བྱས་པ། ༩ རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ལ་ཐེ་ཚོམ་ཟ་བ། ༡༠ ཞིང་བཅུར་གྱུར་པ་གདུག་པ་ཅན་མི་སྒྲོལ་བར་དེ་ལ་བྱམས་ཤིང་མཛའ་བོར་བྱེད་པ། ༡༡ མིང་སོགས་མཚན་མ་བྲལ་བའི་ཆོས་རྣམས་རྟོག་གེའི་རིག་པས་གཞལ་བ། ༡༢ དད་པ་ཅན་གྱི་སེམས་སུན་འབྱིན་པ། ༡༣ དམ་ཚིག་གི་རྫས་དང་སྤྱོད་ལམ་མི་བསྟེན་པ། ༡༤ ཤེས་རབ་མའི་རང་བཞིན་ལ་སྨོད་པ་བཅས་སོ། ། |
| Domain | ཆོས་ལུགས། |