36691
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་དང་པོ་ལས་བྱུང་བ་སྟེ། ༡ སྐུའི་སྐུ་རྒྱུད་གླང་པོ་རབ་འབོད། གསུང་རྒྱུད་གླང་པོ་ཆུར་འཇུག ཐུགས་རྒྱུད་སངས་རྒྱས་མཉམ་སྦྱོར་དང་གསུམ་མོ། ། ༢ གསུང་གི་སྐུ་རྒྱུད་རི་བོ་བརྩེགས་པ། གསུང་རྒྱུད་པདྨ་དབང་ཆེན། ཐུགས་རྒྱུད་ཟླ་གསང་ཐིག་ལེ་དང་གསུམ་མོ། ། ༣ ཐུགས་ཀྱི་སྐུ་རྒྱུད་རྩེ་མོ་འདུས་པ། གསུང་རྒྱུད་གཅིག་ལས་འཕྲོས་པ། ཐུགས་རྒྱུད་གསང་བ་འདུས་པ་དང་གསུམ་མོ། ། ༤ ཡོན་ཏན་གྱི་སྐུ་རྒྱུད་སྒྲོན་མེ་འབར། གསུང་རྒྱུད་བདུད་རྩི་ས་མ་ཡ་འབུམ་སྡེ། ཐུགས་རྒྱུད་དཔལ་མཆོག་དང་པོ་དང་གསུམ་མོ། ། ༥ འཕྲིན་ལས་ཀྱི་སྐུ་རྒྱུད་དཔལ་ཕྲེང་དཀར་མོ། གསུང་རྒྱུད་མ་མོ་རྒྱུད་ལུང་། ཐུགས་རྒྱུད་ཏ་མ་ལ་འབུམ་སྡེ་དང་གསུམ་མོ། ། ༦ སྤྱིའི་སྐུ་རྒྱུད་ཐབས་ཀྱི་ཞགས་པ། གསུང་རྒྱུད་ས་མ་ཡ་བཀོད་པ། ཐུགས་རྒྱུད་གསང་བ་སྒྱུ་འཕྲུལ་ཆ་ལག་དང་བཅས་པ་དང་གསུམ་བཅས་སོ། ། |
| Domain | ཆོས་ལུགས། |