36723
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཉི་མ་བཅུ་གཉིས་ཀྱི་ནང་གསེས་ཤིག་སྟེ། དེའི་ཉིན་ནི་ཕོ་ཟླ་དྲུག་པོའི་ཚེས་བཅུ་དང་། ཉེར་གཉིས། མོ་ཟླ་དྲུག་པོའི་ཚེས་བཞི། བཅུ་དྲུག ཉེར་བརྒྱད་བཅས་ཡིན། ཚེས་ཞེས་མིང་འདོགས་པའི་ཉི་མ་དེ་དག་ཏུ་ལས་ཀར་སྤང་བླང་བྱ་ཚུལ་ནི་ཉིན་སྣང་ལས། ཕག་ལ་དབང་བསྐུར་ཆོས་སྟོན་དང་། །ཁྱེའུ་དགའ་སྟོན་རབ་བྱུང་བཟང་། །དུར་གདབ་བརྐོ་སློག་རི་མོ་འབྲི། །བོན་ཆོག་མཁར་ལས་ས་ཁ་དབྱེ། །མནན་པ་ཤིད་དང་ཁྲོན་འདྲུ་ངན། །ཞེས་གསུངས་པ་ལྟར་དང་། བདུན་ཟུར་ཕྱོགས་སྡེབ་ཀྱི་འབྲས་དཔྱད་དུ་ཡང་ཤིད་དང་ས་བརྐོ་སྤང་དགོས་པར་གསུངས་འདུག |
| Domain | རྩིས་རིག |