36724

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕག་གི་བརྟུལ་ཞུགས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་ཕག་གི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །གཙང་སྨེ་མེད་པ་ཀུན་ལ་སྤྱད། །ཅེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཁྱིའམ་ཕག་པ་རྣམས་ཟས་གང་ལ་ཡང་གཙང་སྨེའི་རྟོག་པ་མེད་པར་ཀུན་ཟ་ཞིང་སྤྱོད་པ་ལྟར། རྣལ་འབྱོར་པའང་ཁ་ཟས་ལ་བླང་དོར་མེད་པའི་བརྟུལ་ཞུགས་ཉིད་དེ། ཞེས་གསུངས།
Domain ཆོས་ལུགས།