36727
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ནས་བརྒྱུད་པའི་ཆོས་བརྒྱུད་དེ། ནང་གསེས་ཕྱེ་ན། འབྲི་གུང་དང༌། སྟག་ལུང༌། འབྲུག་པ། གཡའ་བཟང༌། ཁྲོ་ཕུ། ཤུག་གསེབ། སྨར་ཚང་བཅས་སོ། །དེ་ནི་དྭགས་པོ་ལྷ་རྗེའི་སློབ་མ་ཕག་གྲུ་རྡོ་རྗེ་རྒྱལ་པོས་རང་ཉིད་དགུང་ལོ་ཞེ་དགུ་པ་རབ་བྱུང་གསུམ་པའི་ས་སྟག་ཕྱི་ལོ་ ༡༡༥༨ ལ་ཕག་གྲུས་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས། ཕག་གྲུ་བཀའ་བརྒྱུད་ཀྱི་གྲུབ་མཐའ་བྱུང་བར་གྲགས། |