36729

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕག་གྲུ་སྡེ་སྲིད་ (1)
Part of speech མིང་ཚིག
Definition ཕག་མོ་གྲུ་པའི་ཡུལ་སྡེའི་སྲིད་དབང་འཛིན་མཁན་ཏེ། ཁྲི་རབས་དང་པོ། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་ཤིང་འབྲུག་ཕྱི་ལོ་ ༡༣༦༤ བར་སྲིད་བསྐྱངས་པ་དང༌། དེ་ནས་གཉིས་པ། འཇམ་དབྱངས་གུ་ཤྲིས་ཤིང་སྦྲུལ་ཕྱི་ལོ་ ༡༣༦༥ ནས་ལོ་བརྒྱད། གསུམ་པ། གྲགས་པ་བྱང་ཆུབ་ཀྱིས་ཤིང་སྟག་ཕྱི་ལོ་ ༡༣༧༤ ནས་ལོ་བདུན། བཞི་པ། གུ་ཤྲི་བསོད་ནམས་གྲགས་པས་ལྕགས་བྱ་ཕྱི་ལོ་ ༡༣༨༡ ནས་ལོ་བཞི། ལྔ་པ། དབང་གྲགས་པ་རྒྱལ་མཚན་གྱིས་ཤིང་གླང་ཕྱི་ལོ་ ༡༣༨༥ ནས་ལོ་བཞི་བཅུ་ཞེ་དྲུག དྲུག་པ། དབང་གྲགས་པ་འབྱུང་གནས་ཀྱིས་རབ་བྱུང་བདུན་པའི་ཆུ་བྱི་ཕྱི་ལོ་ ༡༤༣༢ ནས་ལོ་བཅུ་གཉིས། བདུན་པ། སངས་རྒྱས་རྒྱལ་མཚན་གྱིས་ལོ་བཞི། བརྒྱད་པ། དབང་ཀུན་དགའ་ལེགས་ཀྱིས་རབ་བྱུང་བརྒྱད་པའི་ས་འབྲུག་ཕྱི་ལོ་ ༡༤༤༨ ནས་ལོ་དགུ། དགུ་པ། དཔལ་ངག་གི་དབང་པོ། བཅུ་པ། དབང་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན། བཅུ་གཅིག་པ། ཞབས་དྲུང་ངག་དབང་གྲགས་པ་བཅས་ཀྱིས་རིམ་པར་བསྐྱངས།