36730

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕག་གྲུའི་གདུང་འབུམ་ (1)
Part of speech མིང་ཚིག
Definition མཚན་གཞན་རྗེ་ཕག་མོ་གྲུ་པའི་གདུང་འབུམ་འཛམ་གླིང་གཡས་བཞག་ཀྱང་ཟེར། ཕག་གྲུ་གཤེགས་རྗེས་སུ་གདན་ས་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས་འཛིན་སྐབས་ཕག་གྲུའི་ཐུགས་ཀྱི་དུམ་བུ་ཆེད་དུ་ཡེལ་པའི་ཕྱག་ཏུ་ཕུལ་བ་དེ་ཉིད་དང་གཞན་ཡང་རྟེན་ཁྱད་པར་ཅན་མང་པོའི་ནང་གཞུག་མཛད་དེ་བཞེངས་པའི་གདུང་འབུམ་ཁྱད་དུ་འཕགས་པ་ཞིག་སྟེ། སྐོར་བ་བྱས་པ་ཙམ་གྱིས་ཀྱང་བད་ཀན་མིད་དཀྱུས་དང་དྲེག་གྲུམ་སོགས་འཆོས་དཀའ་བའི་ནད་ལ་ཕན་ནུས་ཤིན་ཏུ་ཆེ་བ་ཞིག་གོ།