36741

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕག་མགོ་ (1)
Part of speech མིང་ཚིག
Definition ཕག་པའི་མགོ་བོ་སྟེ། སྐེ་ཡན་གྱི་ཆ་ཤས་ཡོངས།
Example ངས་དེ་རིང་ཕག་མགོ་ཞིག་ཉོས་པ་ཡིན་ལྟ་བུ།
ཕག་མགོ་ (2)
Part of speech མིང་ཚིག
Definition དབྱིབས་འདྲ་བ་ལ་ལྟོས་ནས་བཏགས་པའི་རྡོའི་སྨན་གྱི་རིགས་ཤིག་སྟེ། རྡོ་རྒྱུ་ཕལ་ཆེར་རྡོ་ཐལ་གྱི་བྲག་རྡོ་དང༌། འགའ་ཞིག་གཡའ་མ་ནག་པོ་འདྲ་བ། དབྱིབས་ཟླུམ་རྡོག་རྒྱ་ཕག་གི་མགོ་འདྲ་བའམ། སྤྲེའུའི་གདོང་པ་འདྲ་བ། རྒྱབ་ངོས་གཡས་གཡོན་ནས་གཤོག་སྒྲོའམ་རྩིབ་མའི་དབྱིབས་ལྟར་འབུར་ཐོན་གྱི་གཉེར་མའམ་སུལ་རིས་ཡོད་པ། ཁ་དོག་ཕལ་ཆེར་སྔོ་ནག་ལ་ཕྱི་དྲེག་སྐྱ་བོས་ཁྱབ་པ། ཆེ་ཆུང་ཕལ་ཆེར་ལུག་ཐོང་ཚེར་གྱི་མཁལ་མ་ཙམ་ངོ་བོ་མཁྲེགས་ཤིང་ལྕི་བ། རྡོ་ལ་རི་མོ་བྲིས་ནས་སྔོ་སྐྱ་དོད་པ། འདི་གདོད་མའི་དུས་ཀྱི་མཚོར་གནས་སྲོག་ཆགས་ཀྱི་འགྱུར་རྡོའི་རིགས་ཤིག་སྟེ། རོ་བསྐ་ལ་ཞུ་རྗེས་ཁ་བ། ནུས་པ་བསིལ་བས་རུས་པ་གསོ་ཞིང་ཆུ་སེར་ཕྱིར་འདྲེན་པར་བྱེད་པ་ཞིག
Domain གསོ་རིག