36839

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕན་བདེའི་དབང་ཕྱུག་མཁས་བཙུན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ཕྱི་ལོ ༡༧༩༧ ལོར་དངུལ་རྭའི་ཞོལ་དུ་ཨ་རིག་ཨ་མྱེས་རིགས་ལས་ཡབ་ཐུབ་བསྟན་རབ་རྒྱས་དང་། ཡུམ་བདེ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། པཎ་ཆེན་བསྟན་པའི་ཉི་མས་ལ་མོ་སྐུ་ཕྲེང་བཞི་བའི་ཡང་སྤྲུལ་དུ་ངོས་བཟུང་། ཨ་རིག་དགེ་བཤེས་བྱམས་པ་དགེ་ལེགས་སོགས་དགེ་བཤེས་མང་པོ་ལས་དབང་ལུང་མན་ངག་ཁྲིད་བཤད་བཅས་མནོས། བཅུ་དྲུག་པར་དབུས་སུ་ཕེབས། ཉི་ཤུ་པར་པཎ་ཆེན་རིན་པ་ཆེ་ལས་བསྙེན་པར་རྫོགས། ལ་མོ་བདེ་ཆེན་དགོན་དང་། མགུར་སྒར་ཁམས་གསུམ་རྣམ་རྒྱལ་དུ་མཚན་ཞབས་པ་བཅུ་ཕྲག་བསྡེབས་ནས། མདོ་སྔགས་རིག་གནས་ཀུན་ལ་སྦྱངས་བརྩོན་གནང། རབ་བྱུང་བཅུ་བཞི་པའི་ལྕགས་ཡོས་ཕྱི་ལོ ༡༨༣༡ ལོར་སྐུ་གཤེགས། སྐུ་གདུང་ནི་བྱ་གཞུང་གི་རི་བོ་ཐོད་དཀར་གྱི་མདུན་དུ་སྦྱིན་སྲེག་བྱས།