3684

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁམས་དྲུག་ (1)
Part of speech མིང་ཚིག
Definition སཱ་ལུ་ལྗང་པའི་མདོ་ལས་བྱུང་བ་སྟེ། སའི་ཁམས། ཆུའི་ཁམས། མེའི་ཁམས། རླུང་གི་ཁམས། ནམ་མཁའི་ཁམས། དུས་ཀྱི་ཁམས།
Domain ཆོས་ལུགས།
ཁམས་དྲུག་ (2)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་ལག་བཟང་གིས་ཞུས་པའི་མདོ་ལས་བྱུང་བ་སྟེ། སའི་ཁམས། ཆུའི་ཁམས། མེའི་ཁམས། རླུང་གི་ཁམས། ནམ་མཁའི་ཁམས། རྣམ་པར་ཤེས་པའི་ཁམས།
ཁམས་དྲུག་ (3)
Part of speech མིང་ཚིག
Definition ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བའི་མཛོད་གནས་དང་པོ་ལས་བྱུང་བ་སྟེ། འདོད་པའི་ཁམས། གནོད་སེམས་ཀྱི་ཁམས། རྣམ་པར་འཚེ་བའི་ཁམས། ངེས་པར་འབྱུང་བའི་ཁམས། གནོད་སེམས་ཀྱི་ཁམས། གནོད་སེམས་མེད་པའི་ཁམས།
ཁམས་དྲུག་ (4)
Part of speech མིང་ཚིག
Definition བདེ་བའི་ཁམས། སྡུག་བསྔལ་གྱི་ཁམས། ཡིད་བདེ་བའི་ཁམས། ཡིད་མི་བདེ་བའི་ཁམས། བཏང་སྙོམས་ཀྱི་ཁམས། མ་རིག་པའི་ཁམས།
ཁམས་དྲུག་ (5)
Part of speech མིང་ཚིག
Definition སའི་ཁམས་དང་། ཆུའི་ཁམས། མེའི་ཁམས། རླུང༌གི་ཁམས། ནམ་མཁའི་ཁམས། རྣམ་ཤེས་ཀྱི་ཁམས་(ཟག་བཅས་)དང་དྲུག་ཏུ་འདོད་དེ། མཆིམས་མཛོད་ལས། མདོ་ལས། དགེ་སློང་དག་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བྱ་བ་དང༌། ཁམས་དྲུག་ལ་བརྟེན་ནས་མའི་མངལ་དུ་འཇུག་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྣམ་ཤེས་ཀྱི་ཁམས་ནི་སེམས་ཀྱི་ཁམས་བདུན་དུ་འདུས་སོ། །(ཁམས་དྲུག་པོ་དེ་དག་ལས་སྲིད་པ་སྐྱེད་པ་ཡིན་ཏེ་རྣམ་ཤེས་ནི་སྲིད་པར་ཉིང་མཚམས་སྦྱོར་བའི་ས་བོན་ནོ། །དེ་གསོ་བར་བྱེད་པ་ནི་འབྱུང་བ་བཞི་སྟེ་རྟེན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །འཕེལ་བར་བྱེད་པ་ནི་ནམ་མཁའ་སྟེ་གོ་འབྱེད་པའི་ཕྱིར་རོ། །དེ་ལྟར་ན་འདི་དག་ནི་ཡང་སྲིད་རྒྱས་པའི་ས་བོན་གྱི་དོན་གྱིས་ན་ཁམས་སོ། ) ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། འདིར་ཁམས་དྲུག་ཅེས་པ་ནི། ས། ཆུ། མེ། རླུང༌། ནམ་མཁའི་ཁམས། རྣམ་ཤེས་ཀྱི་ཁམས་དང་དྲུག་ཏུ་འདོད་ལ། དེ་དྲུག་པོ་གང་རུང་ལ་ཟག་བཅས་ཀྱིས་ཁྱབ་སྟེ་ལུགས་འདིར་ནམ་མཁའི་ཁམས་ཡང་འདུས་བྱས་སུ་འདོད་པའི་ཕྱིར་རོ། །འདིར་ཁམས་དྲུག་ཅེས་པ་ནི་གཙོ་བོ་སྲིད་པ་སྐྱེ་བའི་ཁམས་ལ་བྱེད་པར་སྣང་ངོ། །ཞེས་གསུངས།