36842
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་གཏོ་ཆོག་སྐོར་ཞིག་སྟེ། དེ་ཡང་ཡུལ་གྱི་གསེས་མཁར་བསྟོད་ཐབས་དང་། གཏོ་སྐུ་བཙུག་པ། ཁྱིམ་ལྷ་བསྟོད་ཐབས། ཐབ་ལྷ་བསྟོད་ཐབས། ཞིང་ལྷ་བསྟོད་ཐབས། ཕྱུགས་ལྷ་བསྟོད་ཐབས། ནོར་ལྷ་བརྟེན་ནམ་ཁྱིམ་དུ་ནོར་ལྷའི་རྟེན་གཟུགས་པ་ཞེས་བྱ་བ། འཕྲག་ལྷ་བསྟོད་ཐབས། སྲོག་ལྷ་བསྟོད་ཐབས། དགྲ་བླ་བསྟོད་པ། ཇག་ལྷ་བསྟོད་པ། ཟས་ལྷ་བསྟོད་པ། མགྲོན་ལྷ་བསྟོད་པ། ཚོང་ལྷ་བསྟོད་པ། འཆི་བསླུ་ནད་གདོན་ཀུན་གྲོལ། འཆི་སླུའི་འཕྱོང་། སྲིད་པ་དམུ་བཅོས། ཕྱུགས་ནད་ཁ་ཚ་བཅོས་ཐབས། གདོན་བགེགས་ཀྱི་གནོད་པ་ཞི་ཐབས། མདོས་ཀྱི་ལས་ཁ་ཚར། གནམ་གཏོ་གནམ་ཁྱི་བཅོས་ཐབས། ས་གཏའ་ལུགས་གཅིག གནམ་ས་བར་གཏའི་ཚབ་ཀྱི་སྔགས། ཕྱུགས་ཀྱི་ཤི་སྒབས་བཅད་པའི་གཏོ་བཅས་ཡོད། |