36843
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་རབ་ཏུ་བྱུང་ནས། དེ་དག་ལ་གདམས་ངག་མི་འབོགས་ཕན་མི་འདོགས་པ་ལས་བཅས་སོ། །དགག་བྱ་ནི་ལྷན་ཅིག་གནས་པ་དང་ཉེ་གནས་ལ་གནོད་པར་འགྱུར་བའོ། །རང་གིས་རབ་ཏུ་བྱུང་བ་དང་བསྙེན་རྫོགས་བྱས་པ་དག་ལ། ཆོས་སམ་ཟང་ཟིང་གིས་ཕན་འདོགས་དགོས་པའི་དུས་ལ་བབ་ཅིང་། རང་ལ་ནུས་པ་ཡོད་བཞིན་དུ་ཆོས་སམ། ཟང་ཟིང་གིས་ཕན་མི་འདོགས་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། མཁན་མོ་ཉིད་ཀྱིས་རབ་བྱུང་དང། བསྙེན་རྫོགས་བྱས་པ་དག་ལ་ཆོས་དང་ཟང་ཟིང་གིས་ཕན་མི་འདོགས་པ་ནི། ཕན་མི་འདོགས་པའི་ལྟུང་བྱེེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |