36859
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཐལ་འགྱུར་པ། རྟོག་པས་ཤེས་བྱ་ལ་བརྟེན་ནས་ཤེས་པ་བཏགས་པ་དང་། ཤེས་པ་ལ་བརྟེན་ནས་ཤེས་བྱ་བཏགས་པ་སྟེ། རྗེ་ཙོང་ཁ་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། མདོར་ན་ཤེས་པ་ཤེས་བྱ་ལ་བརྟེན་ནས་བཏགས་པས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ལ། ཤེས་བྱ་ཡང་དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས་དེ་གཉིས་ཀྱི་ཐ་སྙད་ཕན་ཚུན་ལྟོས་པར་མ་ཟད་དོན་ཡང་ཕན་ཚུན་ལྟོས་བཏགས་ཙམ་ཡིན་པས་རང་རིག་མི་འདོད་པ་ཡིན་ནོ། །ཞེས་གསུངས། དེ་བཞིན་དུ་རྒྱུ་འབྲས་དང་། བྱ་བྱེད་དང་། མཚན་མཚོན། བསྒྲུབ་བྱ་བསྒྲུབ་བྱེད་སོགས་ཕན་ཚུན་ལྟོས་ནས་བཏགས་པ་མཐའ་ཡས་སོ། ། |
| Domain | ཆོས་ལུགས། |