36860

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕན་ཚུན་སྤང་འགལ་ (1)
Part of speech མིང་ཚིག
Definition འགལ་བ་ལ་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཕན་ཚུན་སྤང་འགལ་གྱི་མཚན་ཉིད། ཆོས་དེ་ལས་ཐ་དད། ཁྱོད་ཀྱང་ཡིན་ཆོས་དེ་ཡིན་པའི་གཞི་མཐུན་མི་སྲིད་པ། དབྱེ་ན། དངོས་འགལ་དང་བརྒྱུད་འགལ་གཉིས། ཞེས་གསུངས།
Domain ཚད་མ།
ཕན་ཚུན་སྤང་འགལ་ (2)
Part of speech མིང་ཚིག
Definition འདི་ནི་འགལ་བའི་དབྱེ་བའི་ནང་གསེས། ངོ་བོ་ནི། བསྡུས་གྲྭ་ལས། བློ་ཡུལ་དུ་ཕན་ཚུན་སྤངས་ཏེ་གནས་པ་དེ། ཕན་ཚུན་སྤངས་འགལ་གྱི་མཚན་ཉིད། དབུ་མ་སྣང་བ་ལས་ཀྱང་། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཆོས་དག་ནི། ཅིག་ཤོས་དགག་པ་གཞན་སྒྲུབ་པ་མེད་ན་མེད་པ་ཡིན་པའི་ཕྱིར། གཉིས་ཀ་མ་ཡིན་པའི་ཕྱོགས་སུ་རྟོག་པ་ཡང་རིགས་པ་མ་ཡིན་ནོ། །ཞེས་དང་། གང་ཞིག་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན་མེད་པ་དེ་གཉིས་ནི། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པ་དེ་དག་ནི། རྣམ་པ་ཐམས་ཅད་དུ་ཁྱབ་པར་བྱེད་པ་དག་ཡིན་ནོ། །
ཕན་ཚུན་སྤང་འགལ་ (3)
Part of speech མིང་ཚིག
Definition ཕན་ཚུན་སྤངས་འགལ་གྱི་མཚན་ཉིད། ཆོས་གང་ཞིག ཆོས་གཞན་ཡིན་པ་ལ་གནོད་བྱེད་དེ་ཆོས་གཞན་དེ་དང་ཕན་ཚུན་སྤངས་འགལ་གྱི་མཚན་ཉིད། དབྱེ་ན། དངོས་འགལ་དང་བརྒྱུད་འགལ་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །