36863

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕན་ཚུན་སྤང་འགལ་གྱི་རྟགས་སྦྱོར་ (1)
Part of speech མིང་ཚིག
Definition འགལ་ཟླ་དམིགས་པའི་རྟགས་ཡང་དག་གང་ཞིག ཕན་ཚུན་སྤངས་འགལ་ལ་བརྟེན་ནས་རང་གི་ཁྱབ་འབྲེལ་ངེས་དགོས་པ། མདུན་གྱི་རྭ་ཅན་འདི་ཆོས་ཅན། རྟ་མ་ཡིན་ཏེ། རྭ་ཡོད་པའི་ཕྱིར། ཞེས་དང༌། བུམ་པ་ཆོས་ཅན། རྟག་པ་མ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་གཅིག་གི་དོན་དང་ལྡན་ན་ཅིག་ཤོས་ཡིན་པ་བཀག་ཙམ་གྱི་འགལ་ཟླར་གྱུར་པའི་རྟགས་སྦྱོར་རོ། །
Domain ཚད་མ།