36868
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དང་པོ(ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་)འི་མཚན་ཉིད། འགལ་ཟླ་དམིགས་པའི་རྟགས་ཡང་དག་གང་ཞིག ། ཕན་ཚུན་སྤངས་འགལ་གྱི་སྒོ་ནས་དེ་སྒྲུབ་ཀྱི་དགག་བྱ་འགོག་པ། ཞེས་དང་། དང་པོ་(ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་)ལ་དབྱེ་ན། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་ཁྱབ་བྱེད་འགལ་དམིགས་ཀྱི་རྟགས་ཡང་དག་དང༌། དེ་ལ་བརྟེན་པའི་འགལ་ཁྱབ་དམིགས་པའི་རྟགས་ཡང་དག་གཉིས། ཞེས་གསུངས། |
| Domain | ཚད་མ། |