From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕན་ཚུན་སྤངས་འགལ་ལ་བརྟེན་པའི་སྣང་རུང་འགལ་དམིགས་ཀྱི་རྟགས་ཡང་དག་ (1)
| Part of speech
|
མིང་ཚིག
|
| Definition
|
དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རྟགས་དེ་དང་་དང་ཕན་ཚུན་སྤངས་འགལ་གྱི་ཆོས་གཅིག་འགོག་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ཞིག་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་གིས་མཛད་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། གཉིས་པ་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། ཆོས་དེ་དངོས་སུ་རྟགས་སུ་བཀོད་ནས་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཆོས་དེ་དང་ཕན་ཚུན་སྤངས་འགལ་གྱི་བྱེ་བྲག་ཏུ་གྱུར་པ་གཅིག་བཀག་པའི་མེད་དགག་དངོས་སུ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས།
|
| Example
|
མྱུ་གུ་སླར་ཡང་སྐྱེ་དགོས་པ་མ་ཡིན་ཏེ། རང་གི་བདག་ཉིད་སྐྱེས་ཟིན་པའི་ངོ་བོར་ཡོད་པའི་ཕྱིར། ཅེས་བཀོད་པ་ལྟ་བུའོ། །ཅེས་གསུངས་པའི་ཕྱིར། འདི་ལྟར་ན་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་དང་འདི་གཉིས་མི་འགལ་བར་བཞེད་པ་འདྲའོ། །
|
| Domain
|
ཚད་མ།
|
ཕན་ཚུན་སྤངས་འགལ་ལ་བརྟེན་པའི་སྣང་རུང་འགལ་དམིགས་ཀྱི་རྟགས་ཡང་དག་ (2)
| Part of speech
|
མིང་ཚིག
|
| Definition
|
དེ་སྒྲུབ་ཀྱི་སྣང་རུང་འགལ་དམིགས་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་དང་ལྷན་ཅིག་མི་གནས་འགལ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་སྣང་རུང་འགལ་དམིགས་ཀྱི་རྟགས་ཡང་དག་ཞེས་བྱ་སྟེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ཀྱང་ཡིན། རྟག་པ་དང་ལྷན་ཅིག་མི་གནས་འགལ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པ་དེ། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་སྣང་རུང་འགལ་དམིགས་ཀྱི་རྟགས་ཡང་དག་གི་མཚན་ཉིད། བྱས་པ་དེ། དེའི་མཚན་གཞི་ཡིན་ཞེས་གསུངས་པའི་ཕྱིར།
|