36891
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། རང་དབང་དུ་གྱུར་པའི་ཚུལ་གྱིས་འཚོ་བར་བྱའི། གཞན་ལ་རག་ལུས་པ་མ་ཡིན་པ། སེམས་ཅན་གང་དག་བདག་བསོད་སྙོམས་འདོད་པ་ལ་བསོད་སྙོམས་བྱིན་པ་དེ་དག་ཀྱང་དཀོན་མཆོག་གསུམ་ལ་བཀོད་དེ་དེ་ཕྱིས་བསོད་སྙོམས་བླང་བར་བྱ་བ། སེམས་ཅན་གང་དག་བདག་བསོད་སྙོམས་འདོད་པ་ལ་བསོད་སྙོམས་མི་སྟེར་བ་དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་སེམས་ཅན་དེ་དག་གཏོང་བ་ལ་གཟུད་པའི་ཕྱིར་བརྩོན་འགྲུས་བརྩམ་པར་བྱ་བ། བྱ་བ་བྱས་ཏེ་བསོད་སྙོམས་བཟའ་བ། བདག་གིས་དེ་བཞིན་གཤེགས་པའི་བཀའ་དང་མཐུན་པར་བྱས་པར་འགྱུར་བ། དགང་སླ་ཞིང་གསོ་སླ་བའི་ཕྱིར་བདག་གིས་རྒྱུ་བསྐྱེད་པར་འགྱུར་བ། བདག་གིས་ང་རྒྱལ་བཅག་པ་བསྟེན་པར་འགྱུར་བ། བདག་གིས་སྤྱི་གཙུག་ལྟར་མི་མཐོང་བའི་དགེ་བའི་རྩ་བ་བསགས་པར་འགྱུར་བ། བདག་མཐོང་ནས་དེ་བཞིན་དུ་སློབ་པར་འགྱུར་ཞིང་བདག་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོ་ལ་བརྟེན་པར་མི་འགྱུར་བ། བསོད་སྙོམས་ཡང་དག་པར་བླང་བའི་སྤྱོད་པ་ཡང་བདག་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བའོ། ། |
| Domain | ཆོས་ལུགས། |