36892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕན་ཡོན་མཐོང་ནས་སྨན་བཀུས་པས་ཆོག་ཤེས་པར་བྱ་བ་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་དྲག་ཤུལ་གྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པར་འགྱུར་བ། གཞན་གྱི་ངོར་ལྟ་བར་མི་འགྱུར་བ། བདག་གིས་མི་སྡུག་པའི་འདུ་ཤེས་བསྟན་པར་འགྱུར་བ། བདག་མི་མཐུན་པའི་འདུ་ཤེས་སོ་སོར་ཉེ་བར་གནས་པར་འགྱུར་བ། རོ་བྲོ་བ་ལ་ཆགས་པ་ཡང་བདག་གིས་ཚེགས་ཆུང་ངུས་སྤངས་པར་འགྱུར་བ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་བདག་ལ་ཡིད་རྟོན་པར་འགྱུར་བ། བདག་ཁ་ཟས་བསྙུངས་པ་མངོན་དུ་གྱུར་པར་འགྱུར་བ། བདག་ལ་སྨན་ཡོངས་སུ་ཚོལ་བའི་ཕོངས་པ་མེད་པར་འགྱུར་བ། བདག་གིས་སེམས་ལ་ཉོན་མོངས་པའི་ནད་ཀྱིས་གནོད་པ་མེད་པར་བྱས་པར་འགྱུར་བ། དེ་ལྟར་ཞུགས་ན་མྱུར་དུ་ཉོན་མོངས་པའི་ནད་དང་འབྲལ་བར་འཐོབ་པར་འགྱུར་བའོ། །