36908

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕམ་པ་ (1)
Part of speech མིང་ཚིག
Definition རྒྱལ་བའི་ལྡོག་ཟླ་སྟེ། ཟིལ་གྱིས་མནན་པའམ། བྱ་བ་གང་ཞིག་ལེགས་འགྲུབ་མ་བྱུང་བར་གྱོང་རག་པའི་དོན།
Keyword True
Example དམག་འཐབ་སྐབས་ཁོང་ཚོ་ཕམ་པ་རེད་ལྟ་བུ། ལྡོག་ཚིག རྒྱལ་བ།
ཕམ་པ་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། མཚན་ཉིད་ནི། བསྙེན་རྫོགས་ཀྱི་བཅས་པ་ལས་འདས་པའི་ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་ངོ་བོའི་ཆ་ནས་དགེ་འདུན་ལྷག་མ་མན་ཆད་ལ་ལྟོས་ནས་ཆད་པ་ལྕིར་རུང་དང་ལྡན་པའོ། །སྒྲ་བཤད་ནི། པ་ར་ཛི་ཏ་ཞེས་པ་སཾ་སྐྲྀ་ཏའི་སྐད་ལས་བྱུང་སྟེ། པ་ར་ཞེས་པ་གཞན་ཡིན་ལ། ཛི་ཏ་ཞེས་པ་ཐུབ་པ་སྟེ་གཞན་གྱིས་ཐུབ་པས་ན། ཕམ་པ་ཞེས་བརྗོད་པ་སྟེ། ཕམ་པའི་སྒྲ་བཤད་ཊཱི་ཀ་ལས་གཞན་རྒྱལ་བའི་ཉེས་པ་ནི་ཕམ་པའོ་ཞེས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། བསྙེན་པར་རྫོགས་པའི་རྒྱུད་ཀྱི་དངོས་གཞིའི་ལྟུང་བ་གང་ཞིག། ཁྱོད་ཀྱི་དག་བྱེད་ཆད་པའི་བསླབ་པ་ལ་ལྟོས་པའི་རིགས་ཡིན་པ་དེ་ཕམ་པའི་མཚན་ཉིད་དོ། །ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། །བསྙེན་པར་རྫོགས་པའི་རྒྱུད་ཀྱི་བཅས་པ་དང་འགལ་བའི་ལྟུང་བ་གང་ཞིག རང་གི་དག་བྱེད་བསླབ་པ་བྱིན་ནས་སྤྱོད་པའི་རིགས་ཡིན་ནོ། །དབྱེ་ན་འཆབ་བཅས་དང། འཆབ་མེད་གཉིས་སོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། །བསྙེན་པར་རྫོགས་པའི་རྟེན་ལ་སྐྱེས་པའི་དངོས་གཞིའི་ལྟུང་བ་གང་ཞིག ཉོན་མོངས་པའི་གཉེན་པོ་སྡོམ་པ་རྣམ་དག་འཇོམས་པར་བྱེད་པའི་ཆོས་དེ་ཕམ་པའི་མཚན་ཉིད་ཡིན་ནོ། །སྒྲ་དོན་ནི། སྤང་བྱ་ཉོན་མོངས་པའི་གཉེན་པོ་བསླབ་པ་ཕམ་པར་བྱས་པས་ཕམ་པ་སྟེ། ཚིག་ལེ་ལས། ཉོན་མོངས་དགྲ་ཕམ་ཁས་བླངས་ནས། །ཉོན་མོངས་དག་ལས་ཕམ་པས་ན། །དེས་ན་ཕས་ཕམ་པ་དང་ནི། །ཚུལ་ཁྲིམས་ཟད་པར་ངེས་པར་བརྗོད། །ཅེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།
ཕམ་པ་ (1)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་རྩ་བའི་གཞུང་ཚིག་གིས་མ་ཟིན་པ་བཅུ་གཅིག་ལས་དགུ་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
Example རྒྱལ་དབང་ལྔ་པས། ཕྲ་ཞིང་ལྡེམ་པའི་སྐེད་སྐབས་ཀྱིས། །འཁྲི་ཤིང་གཞོན་ནུ་ཕམ་པར་བྱས། །ལྟ་བུ།
Domain རྩོམ་རིག