36909
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཕམ་པ་ཕྱིར་བཅོས་ཚུལ་ལ། ཕམ་པ་འཆབ་བཅས་བྱུང་ན་ཇི་ལྟར་བྱ་བའི་ཚུལ་དང་། ཕམ་པ་འཆབ་མེད་བྱུང་བ་ཕྱིར་བཅོས་ཚུལ་གཉིས་ཡོད་དེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་ཕམ་པ་ཕྱིར་བཅོས་ཚུལ་ཡོད་དེ། ཕམ་པ་འཆབ་བཅས་བྱུང་ན་ཇི་ལྟར་བྱ་བའི་ཚུལ་དང་། ཕམ་པ་འཆབ་མེད་བྱུང་བ་ཕྱིར་བཅོས་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། མདོར། ཚུལ་ཁྲིམས་འཆལ་བ་བསྐྲད་པར་བྱའོ། །ཞེས་འབྱུང་བ་ལས། དེ་བྱུང་ན་གནས་ནས་དབྱུང་བར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། མདོར། འཆབ་པའི་སེམས་མ་སྐྱེས་ན་མཐའ་ལས་ལྡང་བར་འགྱུར་རོ། །བསླབ་པ་སྤྱོད་པས་སོ། །དེ་ཐོབ་པས་སོ། །དགེ་འདུན་ལས་སོ། །ལས་ཀྱིས་སྦྱིན་ནོ། །ཇི་སྲིད་འཚོའི་བར་དུའོ་ཞེས་འབྱུང་བ་ལས། བསླབ་པ་ནོད་པའི་ཚུལ་དང་། སྤྱོད་པའི་ཚུལ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཡུལ་གང་ལ་ནོད་པ། རྟེན་གང་གིས་ནོད་པ། ལྟུང་བ་གང་དག་པའི་དོན་དུ་ནོད་པ། ཡུན་ཇི་སྲིད་དུ་ནོད་པ། ཆོ་ག་ཇི་ལྟ་བུས་ནོད་པ། སྒྲ་བཤད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཚན་ཉིད་བཞི་ལྡན་གྱི་དགེ་འདུན་ལས་ནོད་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སྦྱིན་ཡུལ་ཐུན་མོང་བའི་ཆོས་བརྒྱད་ལྡན་གྱི་སྟེང་དུ་ཕམ་པ་བྱུང་བའི་དགེ་སློང་དེས་ནོད་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཕམ་པ་ཡིན་པ། བདག་གི་རྒྱུད་དང་འབྲེལ་བར་ཡོད་པ། ངོ་བོ་ཤེས་ཤིང་དྲན་པར་ནུས་པ། བཅབས་པའི་ཉེས་པ་དང་མི་ལྡན་པ་དེ་དག་པའི་ཆེད་དུ་ནོད་པར་བྱ་བ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། ཇི་སྲིད་འཚོའི་བར་དུ་ནོད་པར་བྱ་བ་ཡིན་པའི་ཕྱིར། ལྔ་པ་ཡོད་དེ། སྦྱོར་དངོས་མཇུག་གསུམ་ཡོད་པ་ལས། དང་པོ་སྤོ་བའི་སྐབས་བཞིན་དང་། གཉིས་པ་གསོལ་བཞིའི་ལས་ཀྱིས་དང་། གསུམ་པ་ལས་ཀྱི་མཇུག་སྡུད་བརྗོད་པའི་སྒོ་ནས་བྱ་བ་ཡིན་པའི་ཕྱིར། དྲུག་པ་ཡོད་དེ། ཕམ་པ་འཆབ་མེད་དག་པའི་དོན་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་དང་། དམན་སྤྱོད་ལྔ་དང་དུ་ལེན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |