3691
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཉིས་པའི་མགོར་མདོ་ཁམས་སུ་འཁྲུངས། གསང་འདུས་རྒྱུད་ལ་མོས་པ་ཆེ་བས་རྒྱ་གར་དུ་ཕེབས། མངའ་བདག་མཻ་ཏྲི་ལས་གསན་འདོད་ཆེ་ཡང་སྐུ་གཤེགས་ཏེ་མ་མཇལ། སློབ་དཔོན་གཞན་དག་བཙལ་ཡང་གསང་འདུས་གསན་ས་མ་རྙེད། བོད་དུ་ཕེབས་ཏེ་མར་པ་ལོ་ཙཱ་བ་ལ་གསན་དགོངས་ཀྱང་མར་པ་ལོ་ཙཱ་བ་ཡང་གཤེགས། བོད་དུ་གསང་འདུས་མར་ལུགས་ཀྱི་བརྒྱུད་པ་འཛིན་པའི་སློབ་དཔོན་མཚུར་སྟོན་དབང་གི་རྡོ་རྗེ་ལ་བསྟེན་ནས། གོན་གད་པ་ཀིརྟི་དང་མཉམ་དུ་གསང་འདུས་ཀྱི་དབང་ལུང་ཁྲིད་གསུམ་ལེགས་པར་གསན། སྒོམ་སྒྲུབ་ཉམས་ལེན་མཛད་པས་གྲུབ་པ་ཐོབ། སློབ་མ་གྲགས་ཆེ་བ་ནི་རྒྱལ་ལུང་ཕུ་བ་ཆེན་པོ་ཡིན། གསུང་རྩོམ་ནི་རྒྱུད་རྐྱང་གི་ཊཱིཀ་དང་། དབང་གི་ཚོགས་གཉིས་མེད་རྣམ་རྒྱལ་ཆེན་པོ་བཅས་བཞུགས། |