36911
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་སློང་ཕ་མ་སོ་སོའི་རྩ་བའི་ལྟུང་བ་བྱུང་བ་ན་ཕམ་པ་དང་དེ་ཡང་དགེ་སློང་མ་ལ་ཕམ་པ་བརྒྱད་ཡོད་པ་སྟེ། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ཕམ་པ་བརྒྱད་ཡོད་དེ། ཐུན་མོང་བའི་ཕམ་པ་བཞིའི་སྟེང་དུ་ཐུན་མོང་མ་ཡིན་པ་བཞི་སྟེ་བརྒྱད་ཡོད་པའི་ཕྱིར་ཏེ། སྐྱེས་པ་ལ་ཆགས་སེམས་ཀྱིས་ལུས་འཁྱུད་ཅིང་རེག་པ་དང༌། སྐྱེས་པ་ལ་ཆགས་སེམས་ཀྱིས་ལུས་གན་རྐྱལ་དུ་ཉལ་བ་དང༌། ཟླ་མོར་ཕམ་པ་བྱུང་བ་ཤེས་བཞིན་དུ་འཆབ་པ་དང༌། དགེ་སློང་འགའ་ཞིག་དགེ་འདུན་གྱི་གནས་ནས་ཕྱུང་བ་ལ་སླར་ཡང་འགྱོད་པའི་སེམས་ཀྱིས་བཟོད་པར་གསོལ་བ་དེ་ཉིད་ལུས་ངག་གི་སྒོ་ནས་ཟློག་པར་བྱེད་པའོ། ། |
| Domain | ཆོས་ལུགས། |