36948

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕར་ཕུད་ (1)
Part of speech མིང་ཚིག
Definition རང་ཉིད་ལ་བདག་དབང་མེད་སའི་གནས་ལས་མཐར་བསྐྲད་པའི་དོན།
Example བཙན་རྒྱལ་རིང་ལུགས་པ་ཚོ་ཕར་ཕུད་དགོས་ལྟ་བུ།
ཕར་ཕུད་ (2)
Part of speech མིང་ཚིག
Definition གང་ཞིག་གི་སྒྲིག་གཞི་སོགས་དང་འགལ་ཏེ་ཕྱིར་ཕུད་བཏང་པའི་དོན།
Example ཁོང་ལ་ཕམ་པ་བྱུང་བས་དགོན་པ་ནས་ཕར་ཕུད་སོང་ལྟ་བུ།
ཕར་ཕུད་ (3)
Part of speech མིང་ཚིག
Definition གོས་སོགས་བརྗེ་བོ་བརྒྱབ་པའི་དོན།
Example གོས་རྙིང་པ་ཕར་ཕུད་ནས་གསར་བ་གོན་ལྟ་བུ།
ཕར་ཕུད་ (4)
Part of speech མིང་ཚིག
Definition རང་ཉིད་ཀྱི་ཕྱོགས་ཁག་ལས་ལོགས་སུ་བཀར་བའི་དོན།
Example ཁོང་རྐང་རྩེད་པོ་ལོའི་རུ་ཁག་ནས་ཕར་ཕུད་ལྟ་བུ།