36956

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕར་ཕྱིན་དྲུག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཕར་ཕྱིན། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཏེ། རིམ་པ་བཞིན་དུ་བྱང་འཕགས་ཀྱི་རྒྱུད་ཀྱི་ཁྱད་ཆོས་བཞི་ལྡན་གྱི་གཏོང་བའི་སེམས་པ། དེའི་རྒྱུད་ཀྱི་སྦྱིན་པའི་མཚན་ཉིད། དེའི་རྒྱུད་ཀྱི་ཁྱད་ཆོས་བཞི་ལྡན་གྱི་ཉེས་སྤྱོད་སྤོང་བའི་སེམས་པ། དེའི་རྒྱུད་ཀྱི་ཚུལ་ཁྲིམས་ཀྱི་མཚན་ཉིད། དེའི་རྒྱུད་ཀྱི་ཁྱད་ཆོས་བཞི་ལྡན་གྱི་མི་འཁྲུག་པའི་སེམས་པ། དེའི་རྒྱུད་ཀྱི་བཟོད་པའི་མཚན་ཉིད། དེའི་རྒྱུད་ཀྱི་ཁྱད་ཆོས་བཞི་ལྡན་གྱི་དགེ་བའི་བྱ་བ་ལ་སྤྲོ་བའི་སེམས་བྱུང་དུ་དམིགས་པ། དེའི་རྒྱུད་ཀྱི་བརྩོན་འགྲུས་ཀྱི་མཚན་ཉིད། དེའི་རྒྱུད་ཀྱི་ཁྱད་ཆོས་བཞི་ལྡན་གྱི་རང་གི་མི་མཐུན་ཕྱོགས་སུ་གྱུར་པའི་རྣམ་གཡེང་གི་གཉེན་པོ་བྱེད་པའི་རབ་ཏུ་ཕྱེ་བའི་མཉམ་གཞག་སས་བསྡུས་ཀྱི་རིག་པ། དེའི་རྒྱུད་ཀྱི་བསམ་གཏན་གྱི་མཚན་ཉིད། དེའི་རྒྱུད་ཀྱི་ཁྱད་ཆོས་བཞི་ལྡན་གྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱིས་སེམས་བྱུང་དུ་དམིགས་པ། དེའི་རྒྱུད་ཀྱི་ཤེས་རབ་ཀྱི་མཚན་ཉིད། དེའི་རྒྱུད་ཀྱི་སྦྱིན་སོགས་དྲུག་པོ་དེ་ཁྱད་ཆོས་བཞི་དང་ལྡན་ཏེ། དེའི་རྒྱུད་ཀྱི་དང་པོ་དེ་རང་གི་མི་མཐུན་ཕྱོགས་སེར་སྣ་ཉམས་པར་བྱེད་པ་དང༌། གྲོགས་སྦྱིན་པའི་འཁོར་གསུམ་བདེན་མེད་དུ་རྟོགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་དང༌། རང་རྒྱུད་ལྡན་གྱི་གང་ཟག་གི་འདོད་པ་རྫོགས་པར་བྱེད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཁྱད་ཆོས་རྣམས་དང་ལྡན་ཞིང༌། དེ་བཞིན་གཉིས་པ་དེ་རང་གི་མི་མཐུན་ཕྱོགས་ཚུལ་འཆལ་ཉམས་པར་བྱེད་པ་སོགས་བཞི་དང་ལྡན། གསུམ་པ་དེར་རང་གི་མི་མཐུན་ཕྱོགས་ཁོང་ཁྲོ་ཉམས་པར་བྱེད་པ་སོགས་བཞི་དང་ལྡན། བཞི་པ་དེ་རང་གི་མི་མཐུན་ཕྱོགས་ལེ་ལོ་ཉམས་པར་བྱེད་པ་སོགས་བཞི་དང་ལྡན། ལྔ་པ་དེ་རང་གི་མི་མཐུན་ཕྱོགས་སུ་གྱུར་པའི་རྣམ་གཡེང་ཉམས་པར་བྱེད་པ་སོགས་བཞི་དང་ལྡན། དྲུག་པ་དེ་རང་གི་མི་མཐུན་ཕྱོགས་སུ་གྱུར་བའི་ཤེས་འཆལ་ཉམས་པར་བྱེད་པ་སོགས་བཞི་དང་ལྡན་པའི་ཕྱིར། དེ་ལྟར་ཡང་དེ་ཉིད་ལས། སྦྱིན་པ་མི་མཐུན་ཕྱོགས་ཉམས་བྱེད། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པ་ནས། ཤེས་རབ་མི་མཐུན་ཕྱོགས་ཉམས་བྱེད། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པའི་བར་གསུངས་པའི་ཕྱིར།
Domain ཆོས་ལུགས།