36964

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕར་ཕྱིན་ལམ་གྱི་འབྲས་བུ་གྲུབ་པའི་དུས་ (1)
Part of speech མིང་ཚིག
Definition སྡོམ་གསུམ། སོ་ནམ་ཚུལ་བཞིན་བྱས་པ་ཡི། །ལོ་ཏོག་རིམ་གྱིས་སྨིན་པ་ལྟར། །ཕ་རོལ་ཕྱིན་པའི་ལམ་ཞུགས་ན། །གྲངས་མེད་གསུམ་གྱིས་རྫོགས་འཚང་རྒྱ། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ཐོག་མར་ཟག་བཅས་འཁོར་བའི་རྟེན་འབྲེལ་དང་དེའི་གཉེན་པོ་རྣམ་པར་བྱང་བའི་ལམ་གྱི་ཆ་མཐའ་དག་ལ་ཐོས་བསམ་གྱིས་ཡང་དག་པའི་ལྟ་བ་རྒྱུ་འབྲས་ལ་ངེས་ཤེས་ཡང་དག་པར་དྲངས་ནས། འགྲོ་བ་མཐའ་ཡས་པ་ལ་བྱམས་པ་དང་སྙིང་རྗེའི་སེམས་ཀྱིས་ཁྱབ་པར་བྱས་ཏེ། རང་ཉིད་ཞི་བདེ་དོན་གཉེར་གྱི་བདག་རགས་པ་སྙིང་རྗེའི་སྟོབས་ཀྱིས་སུན་ཕྱུང་ནས་རང་བཞིན་གྱིས་རྣམ་པར་དག་པའི་དེ་ཁོ་ན་ཉིད་རིམ་གྱིས་མངོན་དུ་བྱེད་ཅིང། དེ་ཡང་ཐེག་པ་ཆེན་པོའི་ཡོངས་འཛིན་བཟང་པོ་ལ་བརྟེན་ནས་བསླབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གང་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱེད་པ་དེས་ནི་ཐོས་པར་འགྱུར་རོ། །ཐོས་ནས་ཤེས་རབ་ཏུ་ཤེས་སོ། །ཤེས་ནས་ནན་ཏན་བྱེད་དོ། །ཞེས་ཡང་དང་ཡང་དུ་གསུངས་པས་ལམ་གྱིས་གོ་རིམ་མ་ནོར་བར་ཉམས་སུ་ལེན་པའི་ཚུལ་ཤེས་ནས་བསྒྲུབས་པས། མོས་པ་སྤྱོད་པའི་ས་མཐར་ཕྱིན་ནས་བསྐལ་པ་དང་པོའི་ཚོགས་གཉིས་འགྲུབ་པ་ཡིན་ནོ། །རྒྱུད་མ་སྨིན་པ་ཐོག་མ་ནས་སྟོང་པ་ཉིད་བསྒོམས་ན་བདུད་རྩི་དུག་ཏུ་འགྱུར་ཞེས་པ་ཡང་ལེགས་པར་ཤེས་དགོས་སོ། །དེ་ནས་ས་བདུན་པ་རིང་དུ་སོང་བའི་བར་གྱིས་གྲངས་མེད་གཅིག་དང། དག་པའི་ས་གསུམ་དུ་གྲངས་མེད་གཅིག་མཐར་ཕྱིན་ནས་ཀུན་ཏུ་འོད་ཀྱི་སར་སྐུ་གསུམ་ཕྲིན་ལས་དང་བཅས་པ་འགྲུབ་པ་འདི་ནི་ལམ་མ་ནོར་བར་ཉམས་སུ་ལེན་པའི་ཚུལ་ལུགས་གཅིག་ལགས་སོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །
Domain ཆོས་ལུགས།