37000

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕལ་པ་ངེས་པའི་རྩ་ལྟུང་བརྒྱད་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། བློ་མ་སྦྱང་བ་ལ་སྟོང་ཉིད་བསྟན་ཏེ་སྐྲག་ཏུ་བཅུག་པ། ཐེག་ཆེན་ལ་ཞུགས་པ་ཕྱིར་བཟློག་སྟེ་ཐེག་དམན་ལ་སྦྱར་བ། སོ་སོ་ཐར་པ་སྟེ་ཐེག་པ་དམན་པ་སྤངས་ནས་ཐེག་ཆེན་ལ་སྦྱར་བ། ཐེག་དམན་གྱིས་ཉོན་མོངས་པ་མི་སྤོང་བར་རང་ཉིད་ཀྱིས་འཛིན་ཅིང་གཞན་འཛིན་དུ་འཇུག་པ། བྱང་སེམས་གཞན་ལ་ཕྲག་དོག་གི་དབང་གིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ། རྙེད་བཀུར་གྱི་ཕྱིར་མ་རྟོགས་བཞིན་བདག་གིས་ཆོས་ཟབ་མོ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་སོ་ཞེས་མི་ཆོས་བླ་མའི་རྫུན་སྨྲ་བ། རྒྱལ་རིགས་ལྟ་བུ་དབང་པོ་ཆེ་དང་། ཆོས་འདི་པའི་དགེ་སྦྱོང་ཕྲ་མས་ཕྱེ་ནས། དབང་པོ་ཆེའི་ཕྱོགས་ལ་བརྟེན་ཏེ་དགེ་སྦྱོང་ལ་ནོར་གྱི་ཆད་པས་གཅོད་དུ་འཇུག་པ། དེའི་རྐྱེན་གྱིས་དགེ་སྦྱོང་གིས་དཀོན་མཆོག་གི་དཀོར་བརྐུས་ནས་ཕྲ་མ་བྱེད་པ་ལ་ཕག་སུག་ཏུ་ཕུལ་བ་དེ་དག་ཕྲ་མ་བྱེད་པ་རང་གིས་ལེན་ནམ། དབང་པོ་ཆེ་ལ་བྱིན་པས་ནོར་བདག་གིར་བྱས་པའོ། །
Domain ཆོས་ལུགས།