37050
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕུ་ཆུང་བ་ནི་རབ་བྱུང་དང་པོའི་ལྕགས་ལུག་ཕྱི་ལོ་ ༡༠༣༡ ལོར་འཕན་ཡུལ་དུ་འཁྲུངས། ཞང་ཆེན་པོ་དང་གླན་ཚུལ་བྱང་ལས་རབ་ཏུ་བྱུང་སྟེ་མཚན་གཞོན་ནུ་རྒྱལ་མཚན་གསོལ། འབྲོམ་སྟོན་པ་དང་ཁུ་སྟོན་སོགས་ཀྱི་ཞབས་ལ་གཏུགས་ནས་ཐོས་བསམ་དང་སྒྲུབ་པ་མཛད། སྔ་ཕྱི་རིམ་བཞིན་སྤང་སྤོས་དང༌། རེང་བུ་བཞི་སྦྱོར། ཨ་ཀ་རུ་དང་དུ་རུ་ཀ་སོགས་ཀྱི་སྤོས་སྦྱོར་འབུལ་བར་མཛད། མཐར་དགུང་གྲངས་དོན་དྲུག་པ་རབ་བྱུང་གཉིས་པའི་མེ་ཁྱི་ཕྱི་ལོ་ ༡༡༠༦ ལོར་སྐུ་གཤེགས། |