37084
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕུ་སྤྲུལ་སྐུ་ཕྲེང་གཉིས་པ་གསང་བདག་དཔའ་བོ་ནི། ཕྱི་ལོ་ ༡༩༣༠ ནང་དུ་གཙང་ངོར་ཨེ་ཝྃ་ཆོས་ལྡན་གྱི་ཉེ་འདབས་སྤེལ་གྲོང་ཞེས་པའི་ནང་དུ་གདོང་སྤྲུལ་ཀུན་དགའ་འཆི་མེད་དབང་པོའི་ལྕམ་སྲིང་ཟླ་བ་སྒྲོལ་མའི་སྲས་སུ་འཁྲུངས། བླ་མ་འདི་ཉིད་ཉམས་དང་རྟོག་པའི་བདག་ཉིད་མཁས་ཤིང་གྲུབ་པ་བརྙེས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ན་ཡང་། སྐྱོ་བ་ཞིག་ལ་ཁང་སར་ཚང་ནས་མ་ཉེས་ཁག་གཡོག་གི་ཉེས་ཆད་བཀག་ཏེ་རང་ཡུལ་ཕྱོགས་ལ་གདུལ་བྱ་དེ་ཙམ་རྒྱས་མི་འདུག དེ་ཡང་གདོང་སྤྲུལ་ཀུན་དགའ་འཆི་མེད་དབང་པོ་ཞི་བར་གཤེགས་རྗེས་སུ། དམ་ཉམས་འགའ་ཞིག་གིས་ཁང་སར་དཔོན་མོ་དབྱངས་ཅན་ལ་བླ་མས་སྲས་པོའི་དབུ་སྐྲ་དང་ན་བཟའ་མནན་པ་བརྒྱབ་པས་སྲས་པོ་གྲོང་པ་རེད་ཅེས་ཕྲ་མའི་དབྱེན་དཀྲུག་བྱས་པའི་རྐྱེན་གྱིས། དེ་དུས་ཕུ་སྤྲུལ་མ་ཡུམ་གཉིས་ཀ་ཉ་བྲག་དགོན་དུ་འཇམ་མགོན་ལེགས་པ་རིན་པོ་ཆེ་ལས་ལམ་འབྲས་གསན་བཞིན་པ་ཡིན་ན་ཡང་། ཁང་སར་ཚང་གིས་ཡུམ་སྲས་གཉིས་ཀ་ཕོ་བྲང་དུ་ཁྲིད་དེ་བཙོན་ལ་བཅུག དེ་ནས་ཡུམ་ཟླ་སྒྲོན་ལ་སྲས་པོའི་དབུ་སྐྲ་ན་བཟའ་གནན་ས་གར་ཡོད་བསྟན་ཤོག་ཅེས་ཟེར་ཏེ་རྒྱབ་ཏུ་སྤོས་བསྲེག་དང་རྟ་ལྕག་སོགས་ཀྱིས་ཁྲིམས་ཆད་མི་བཟོད་པ་བྱས་ཚེ། བཙོན་ཁང་ནང་དུ་མ་ཡུམ་གྱིས་ངུ་སྐད་ཤོར་བ་བླ་མས་གསན་སྐབས་ཐུགས་ཤིན་ཏུ་སྐྱོར་ཏེ་ཞལ་དཀར་ཕྱག་ཏུ་བཟུང་བཞིན་པ་བཙིར་ཤོར་བས་ལེབ་ལེབ་གཅིག་ཏུ་བཟོས་པས་ཕྱིས་སུ་ཡུམ་ཟླ་སྒྲོན་ཁྲིམས་ཆད་ཡངས་དུ་སོང་ནའང། ཕུ་སྤྲུལ་གསང་བདག་དབའ་བོ་བཙན་ཤེད་ཀྱི་སྐྱ་ས་འཛིན་དུ་བཅུག་པ་སོགས་ཀྱི་སྡིག་པའི་ལས་ངན་ཚབ་ཆེན་བྱས། བླ་མའི་ཐུགས་དགོངས་ལ་དེར་བཞུགས་པ་ལ་དགོས་པ་མེད་པར་གཟིགས་ཏེ་རྒ་སྐྱེེ་རྒུ་མདོར་སོགས་ནས་མཛད་པ་རྒྱ་ཆེར་སྐྱོང་བཞིན་མཐར་ངོར་ཨེ་ཝཾ་དུ་གཟུགས་སྐུའི་བཀོད་པ་བསྡུ་བར་མཛད་དོ། ། |