37086
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕུ་སྤྲུལ་སྐུ་ཕྲེང་དང་པོ་ངག་དབང་ཀུན་དགའ་བསོད་ནམས་ནི། ཕྱི་ལོ་ ༡༨༣༠ ཡན་མན་དུ་ཡར་སྟོད་དུ་སྐུ་འཁྲུངས་ཤིང་ཆུང་དུས་སུ་འབྲི་ཀློག་ནས་མགོ་བརྩམས་ཏེ་གཞུང་ལུགས་ཁག་ལ་གསན་བསམ་རྒྱ་ཆེར་མཛད་དེ་སྙན་པའི་བ་དན་དཀར་པོ་ཕྱོགས་ཀུན་ཏུ་རྒྱས་པས་ཕྱི་ལོ་ ༡༨༦༢ ལོར། ཧོར་ཁང་སར་དཔོན་ཚང་གིས་ཧོར་སེར་ད་ར་ཁག་ལྔའི་བདེ་སྡུག་གི་ཆེད་དུ་ཁང་སར་ཚང་གི་དབུ་བླང་ཕེབས་དགོས་ཞེས་གསོལ་བ་བཏབ་པས་མཐར་བླ་མས་ཞལ་བཞེས་གནང་འདུག དེ་སྐབས་ཉག་སྐེད་དཔོན་ཚང་གིས་ཁང་སར་ཚང་དབང་སྒྱུར་བྱེད་ལ་ཉེ་སྐབས་ཁག་གཉིས་བར་གྱིདཀའ་རྙོག་འགའ་ཞིག་ཤོ་མིག་སུ་ཐོབ་ལ་ཐག་གཅོད་བྱ་རྒྱུའི་གྲོས་ཆོད་བཞག་ཏེ་ཁང་སར་ཚང་གི་ཕུ་མགོ་སྤྲུལ་སྐུ་ལ་སྐྱབས་འཇུག་ཞུས་པས།ཁོང་གི་ཤོར་སྒྲིལ་མཁན་ལ་སྲུང་འདུད་གནང་སྟེ་ཡིད་ནས་ང་མ་བརྗེད་པར་གྱིས་ཞེས་གསུངས་ནས་བཏང་།དེས་བླ་མ་ལ་གསོལ་བ་བཏབ་ཏེ་ཤོར་སྒྲིལ་བས་ཤོ་མིག་གཉིས་ཅན་ལས་མ་བབ་པས་དེར་ཡོད་དཔོན་གཡོག་འཁོར་དང་བཅས་པའི་སེམས་ལ་དངངས་སྐྲག་ཆེན་པོ་བྱུང་བཞིན་ཉག་དཔོན་ཚང་གི་ཤོ་འཕེན་སར་བལྟས་སྐབས་ཤོ་མིག་གཅིག་ལས་མ་བབ་པས་ཚང་མ་ཧ་ལས་ཏེ་བླ་མ་ལ་དད་པ་ལྷག་པར་སྐྱེས་ཏེ་ཡིད་ཆེས་པར་གྱུར།དེ་ནས་ཁང་སར་དཔོན་ཚང་ཤིན་ཏུ་དགའ་ཏེ་བཀྲིས་རྟེན་འབྲེལ་དང་བཅས།དེའི་སྐབས་སུ་དཀར་མཛེས་ཡུལ་དུ་བླ་མ་དབང་ཆེན་བསྐུར་ཆོག་པ་ནི་དཀར་མཛེས་དགོན་གྱི་གདན་ས་གསུམ་གྱི་བླ་མ་ལས་གཞན་མེད་ཀྱང་།ཁང་སར་དཔོན་དངོས་གྲུབ་ཀྱིས་ཕུ་མགོ་སྤྲུལ་སྐུ་ལ་དབང་ཆེན་བསྐུར་ཆོག་པའི་ཐོབ་ཐང་ཕུལ་བ་མ་ཟད།ཤར་ཕྱོགས་ནས་དཀར་ཡུལ་མགོ་ཡན་ཆད་དང་། ནུབ་ཕྱོགས་ནས་གསེར་ཆུ་སྟེང་མན་ཆད་ཀྱི་གླིང་ཆེན་ཆ་ཚང་ཕུལ་བ་དང་། ད་དུང་དགོན་པ་རྒྱ་བསྐྱེད་གསར་བསྐྲུན་བྱ་རྒྱུ་སོགས་ལ་ཐུགས་རྗེ་ལེགས་འབུམ་ཚད་ལས་བརྒལ་བ་ཞུས་འདུག་པ་ནི་མཛད་འཕྲིན་ཇི་ལྟར་སྐྱོང་མིན་གཏན་ཚིགས་སུ་སོང་བས་རྗེས་འཇུག་པ་དག་གིས་དཔོན་རིགས་ལ། དེ་ལྟར་བླ་མ་དེ་ཉིད་མཐར་རང་དགོན་དུ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པ་མཛད་དོ།། |