37107

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུག་ལུགས་བསྟན་རྩིས་ཀྱི་ཐོག་མ་ (1)
Part of speech མིང་ཚིག
Definition སྟོན་པ་འདས་པའི་ལོ་ནས་བརྩི་བ་ཡིན་ལ། དེ་ཡང་དགུང་ལོ་གྱ་གཅིག་པའི་ལོ་ངོ་ཟིན་པ་དཔའ་བོ་ལྕགས་འབྲུག་ལོ་སྟེ། རིགས་ལྡན་སྙིང་ཐིག་ལས། བསྟན་པའི་གནས་ཚད་ཐོག་མ་ནི། །སྟོན་པའི་གྱ་གཅིག་བཞེས་པ་ཡི། །དཔའ་བོ་ལྕགས་འབྲུག་ལོ་དེ་ཡིན། །ལོ་དེའི་ནག་ཉར་རྩ་རྒྱུད་གསུངས། །ཞེས་བྱུང་། དེས་ན་ཕྱི་ལོ་སྔོན་གྱི་ལོ་ ༨༨༠ པ་དེ་འདས་ལོའི་ཐོག་མ་ཡིན་ལ། ལོ་དེ་ནི་ཕུག་ལུགས་སྟོན་པའི་འདས་ལོ་དང་། ཕུག་ལུགས་དུས་འཁོར་རྩ་རྒྱུད་འདས་ལོ་རྣམས་དབུ་འཛུགས་པའི་ལོ་ཡང་ཡིན་ནོ། །