37116
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བཀའ་གདམས་པའི་དགེ་བཤེས་རྣམས་ཀྱིས་ཆོས་རྣལ་མ་ཞིག་བསྒྲུབ་པ་ལ། ཚེ་འདི་བློས་གཏོང་བའི་གདམས་ངག་ཕུགས་ནོར་ལྟ་བུ་བཅུ་སྟེ། གཏད་པ་བཞི། རྡོ་རྗེ་གསུམ། བུད་སྙེགས་ཐོབ་གསུམ་སྟེ་བཅུ་ཡིན། རྡོ་རྗེ་གསུམ་ནི། ཐེབས་མེད་རྡོ་རྗེ་སྔོན་དུ་གཏོང༌། ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། གཏད་པ་བཞི་ནི། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོག་པོ་སྐམ་པོ་ལ་གཏད། བུད་སྙེགས་ཐོབ་གསུམ་ནི། མི་གྲལ་ནས་བུད། ཁྱི་གྲལ་དུ་བསྙེགས། ལྷ་གྲལ་ཐོབ་པ་བཅས་བཅུའོ། ། |
| Domain | ཆོས་ལུགས། |