37137

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུང་ཁམས་སྐྱེ་མཆེད་གསུམ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འོ་ན་ཕུང་ཁམས་སྐྱེ་མཆེད་གསུམ་གྱི་སྒྲ་དོན་ཇི་ལྟ་བུ་ཞེ་ན། དེ་སྟོན་པ་ལ། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཞེས་གསུངས། དེ་གསུམ་སོ་སོའི་སྒྲ་དོན་ཡོད་དེ། དུ་མ་སྤུངས་པས་ན་ཕུང་པོ། སྐྱེ་ཞིང་སྒོ་མཆེད་པས་ན་སྐྱེ་མཆེད། རིགས་ཀྱི་དོན་ཡིན་པས་ན་ཁམས་ཞེས་བརྗོད་པའི་ཕྱིར། འོ་ན་དེ་ལྟ་བུའི་ཕུང་ཁམས་སྐྱེ་མཆེད་གསུམ་གྱིས་ཆོས་ཐམས་ཅད་བསྡུས་ཚུལ་ཇི་ལྟ་བུ་ཞེ་ན། དེ་སྟོན་པ་ལ། རང་གི་ངོ་བོ་ཉིད་ཀྱིས་ཏེ། །གཞན་གྱི་དངོས་དང་མི་ལྡན་ཕྱིར། །ཞེས་གསུངས། དེ་ཡང་བཤད་དུ་ཡོད་དེ། གཟུགས་ཅན་ཐམས་ཅད་གཟུགས་ཀྱི་ཕུང་པོས་རང་གི་ངོ་བོ་ཉིད་ཡིན་པའི་ཚུལ་གྱིས་བསྡུས། སེམས་ཁམས་བསྡུ་ནརྣམ་ཤེས་ཀྱི་ཕུང་པོ་དང་བཅས་པ་ཡིད་ཀྱི་སྐྱེ་མཆེད་ཀྱིས་རང་གི་ངོ་བོ་ཉིད་ཡིན་པའི་ཚུལ་གྱིས་བསྡུས། ལྷག་མ་ཐམས་ཅད་ཆོས་ཁམས་གཅིག་པུས་རང་གི་ངོ་བོ་ཉིད་ཡིན་པའི་ཚུལ་གྱིས་བསྡུས་པའི་ཕྱིར།
Domain ཆོས་ལུགས།