From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕུང་པོའི་བདུད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། མཚན་ཉིད། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཟག་བཅས་ཀྱི་ཕུང་པོའོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། །
|
| Domain
|
ཆོས་ལུགས།
|
ཕུང་པོའི་བདུད་ (2)
| Part of speech
|
མིང་ཚིག
|
| Definition
|
མ་རིག་བག་ཆགས་ཀྱི་སས་རྐྱེན་བྱས་ཟག་པ་མེད་པའི་ལས་ཀྱིས་རྒྱུ་བྱས་པའི་ཡིད་ཀྱི་རང་བཞིན་ཅན་གྱི་ལུས་དེ་ཕུང་པོའི་བདུད་ཕྲ་མོ་ཡིན་ནོ།།
|
ཕུང་པོའི་བདུད་ (3)
| Part of speech
|
མིང་ཚིག
|
| Definition
|
བདུད་བཞིའི་ཡ་གྱལ་གྱི་ཕུང་པོའི་བདུད་དེ། ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་པོ་འདི་གྲུབ་ན། རང་དབང་མེད་པར་ན་བ་དང༌། རྒ་བ། རྒུད་པ་ལ་སོགས་པའི་རྐྱེན་གྱིས་དགེ་བའི་བར་ཆད་བྱེད་པས་སོ། །
|