37183
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཀྲྀཥྞ་པས་མཛད་པའི་ཕུང་བོ་གསུམ་པའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱིཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར། ཆོས་ཚན་འདི་ཅོ་ནེ་པར་མ་ལ་མི་བཞུགས། དེ་ནི་ཅོ་བསྟན་པར་བརྐོ་སྐབས་མ་ཕྱི་སྡེ་བསྟན་གྱི་ལྡེབ་གོ་བརྒྱད་དང་གོ་དགུ་དེབ་ ༦༧ པའི་ལྡེབ་ ༥༤༣ པའི་བསྡུར་མཆན་ ༢ པ་གཉིས་ལྡེབ་བརྒྱ་གོ་བརྒྱ་དང་བརྒྱ་གོ་དགུ་གཉིས་ལ་ཉོར་ནས་དེབ་རེ་བདུན་པའི་ལྡེབ་ ༥༢༤ པའི་བསྡུར་མཆན་ ༤པའི་མཚམས་སུ་ཅོ་བསྟན་ལ་བསྐྱར་ཟློས་སུ་བརྐོས་པས། སྡེ་བསྟན་གྱི་ལྡེབ་བརྒྱ་གོ་བརྒྱད་དང་བརྒྱ་གོ་དགུ་གཉིས་ཅོ་བསྟན་དུ་དེབ་འདིའི་ལྡེབ་ ༥༢༧ པའི་བསྡུར་མཆན་ ༣ པ་དང་། ལྡེབ་ ༥༢༩ པའི་ཆོས་ཚན་ ༣༢༤༠ པ་དང་། ལྡེབ་ ༥༣༤ པའི་བསྡུར་མཆན་ ༡ པ་བཅས་)ཆད་འདུག བསྟན་འགྱུར་མདོ་སྡེ་ཇི་པར་བཞུགས། |