37184

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུང་བྱེད་རྫས་སྦྱོར་རེག་ཕུང་ནག་པོ་ (1)
Part of speech མིང་ཚིག
Definition དབང་ཆེན་གསང་བ་འདུས་པ་ལས། ཕུང་བྱེད་རྫས་སྦྱོར་རེག་ཕུང་ནག་པོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། གསད་པ་ལས་ཀྱི་མཚོན་ཆ་འདི༔ སྙིགས་མའི་བསྟན་པ་བསྲུང་དོན་དུ༔ པདྨ་བདག་གིས་གཏེར་དུ་སྦས༔ ཤར་གཏེར་ནུབ་གཏེར་གཉིས་སུ་ཡང༔ སྦས་ཏེ་བསྟན་པའི་བཙས་སུ་བཞག༔ ལས་ཅན་འགྲོ་དོན་སྤྱོད་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བདུན་པའི་ཁྱི་ལོར་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། མ་འོངས་དུས་ཀྱི་ཐ་མར་ཆོས་བྱེད་ཐམས་ཅད་མཚོན་དུ་འགུམ་པའི་དུས་སུ་བསྟན་འཛིན་བུའི་མཚོན་ཆར་གཏད་པའི་ལས་གང་བསྒྲུབ་པར་འདོད་ཀྱང་དེ་དང་དེ་ལ་རྫས་གང་དང་གང་སྦྱར་ནས་ལས་སྦྱོར་བྱ་དགོས་ཚུལ་བསྟན།
Domain ཆོས་ལུགས།